Generic selectors
Exact matches only
Search in title
Search in content
Search in posts
Search in pages

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་འཕྲུལ་རིག་གྲོས་བསྡུར།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་འཕྲིལ་རིག་གྲོས་བསྡུར་འདི་ ས་ཁུལ་གྱི་རིག་སྟོབས་ཅན་ཚུ་ འཕྲུལ་རིག་ལས་བརྟེན་པའི་ཚོང་ལཱ་གསརཔ་ཚུ་ འཆར་སྣང་བཀོད་ནི་ མཉམ་རུབ་འབད་ནི་ འགྱུར་ཁྱད་དང་གོང་འཕེལ་གཏང་ནིའི་དོན་ལུ་ གཞི་བཙུགས་འབད་ཡི།

  • འཕྲུལ་རིག་གསར་བཏོད།
  • |
  • སྤྱི་ཟླ་གཉིས་པ། 16, 2021

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་འཕྲིལ་རིག་དང་འབྲེལ་བའི་འགྲོན་བསྡུར།

འཕྲིལ་རིག་གྲོས་བསྡུར་ལས་བརྟེན་ འཕྲིལ་རིག་གསར་བཏོད་ལས་སྡེ་ཡིས་ འབྲུག་རྒྱལ་ཁབ་འདི་འཕྲིལ་རིག་དང་གློག་རིག་ལྡནམ་འབད་བཟོ་ནིའི་དོན་ལུ་ གསར་བཏོད་ཀྱི་གནས་སྐབས་ཚུ་བཏོནམ་ཨིན། འགོ་ཐོག་འགྲན་བསྡུར་གཉིས་ཡང་ བསྒྲིག་ནི་དང་ ཀུན་གྱི་འགྲན་བསྡུར་ཟེར་མི་ཨིན། ལས་རིམ་རང་སོའི་གྲོས་འཆར་འཁོད་པའི་གནས་སྐབས་དེ་ཚུ་ ལག་ལེན་དང་གཞི་བཙུགས་འབད་མི་ལས་བརྟེན་ཏེ་ འདི་འཕྲོ་ལས་ལཱ་གཡོག་གི་གོ་སྐབས་བྱིན་ཚུགས་ནི་དང་ མ་འོངས་པའི་འཕྲིལ་རིག་གསར་འཚོལ་གྱི་དམིགས་གཏད་ལུ་ཕན་པ་ཡོད། ཐོན་དངོས་ཀྱི་འཇལ་ཚད་དང་འགྱོ་བཏུབ་དང་མ་བཏུབ་ཚུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་འཕྲིལ་རིག་དང་འབྲེལ་བའི་འགྲོན་བསྡུར་ནང་ ཁག་ཆེཝ་ཨིན།

TechHack
TechHack
TechHack
DigitalValue
TechHack
Slide
Slide
techhack
TechHack
TechHack
TechHack
DigitalValue
TechHack
previous arrow
next arrow

འཕྲིལ་རིག་ལས་བརྟེན་པའི་ཚོང་ལཱའི་འགྲན་བསྡུར་ ༢༠༢༠

འཕྲིལ་རིག་གི་གྲོས་བསྡུར་འགོ་དང་པ་འདི་ དབྱིན་ལོ་ ༢༠༢༠ དབྱིན་ཟླ་ ༡༡ པ་ལུ་ རྒྱལ་ཁབ་ནང་འཕྲིལ་རིག་གསར་བཏོད་དང་ ཚོང་འབྲེལ་གྱི་ལཱ་ཚུ་བོཟ་ཐབས་དང་ འཕྲིལ་རིག་གསར་བཏོད་ཀྱི་གནས་སྟངས་སྒྲུབ་ཐབས་ལུ་དམིགས་ཏེ་ འགོ་འདྲིན་འཐབ་ཅི།

འཕྲིལ་རིག་འབྲེལ་བའི་ཚོང་ལཱ་གསརཔ་གི་འགྲན་བསྡུར་ ༢༠༢༠ འདི་ དུས་ཡུན་ཆུ་ཚོད་ ༤༨ ཀྱི་རིང་ལུ་གནས་ཏེ་ སྡེ་ཚན་ཚུ་ལུ་བསླབ་སྟོན་པ་དང་ ནང་འཁོད་རྒྱབ་སྐྱོར་ཚུའི་ ལྷོད་ལམ་འབྱིན་ཡི། དུས་ཡུན་ཆུ་ཚོད་ ༤༨ ཀྱི་རིང་བྱིན་པའི་ཤུལ་ལས་ སྡེ་ཙན་ཚུ་གིས་ རང་སོའི་ཐོན་དངོས་ཚུ་ འགྲེམས་སྟོན༌འབད༌བཅུག་ཅི། དེ་ལས་ཁོང་གི་ ཚོང་འབྲེལ་གྲོས་འཆར་དེ་ཚུ་ དྲང་དཔོན་ཚུ་གིས་དབྱེ་ཞིབ་མཛད་ཅི།

འགྲན་བསྡུར་གྱི་རྣམ་པ།

བསྒྲིག་ནིའི་འགྲན་བསྡུར::  འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་དོན་ལུ་ མགྱོགས་དྲག་རིག་རྕལ་དང་འབད་བརྕོན་འབྲལ་བའི་ ཡིག་ཆ་འཛིན་སྐྱོང་གི་གློག་རིག་མཉེན་ཆས་བཟོ་ནི།

དམིགས་གཏད། མགྱོགས་དྲག་རིག་རྕལ་དང་འབད་བརྕོན་འབྲལ་བའི་ ཡིག་ཆ་འཛིན་སྐྱོང་གི་གློག་རིག་མཉེན་ཆས་བཟོ་ནི།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འདི་རྒྱལ་ཁབ་ཀྱི་ རང་དབང་ལྡན་པའི་འབངས་དང་གཞུང་གི་རྒྱུ་ནོར་བཟུང་བའི་ལས་འཛིན་སྦོམ་ཤོས་ཅིག་ཨིན། ལས་འཛིན་གྱི་ ཚོང་འབྲེལ་རྣམ་པ་མ་འདྲ་བའི་གཞན་ལས་འཛིན་ ༢༠ དེམ་ཅི་ནང་ སྐལཝ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་གཙུག་སྡེ་ཁག་ཤོས་ཅིག་ཨིནམ་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་དང་སྡེ་ཚན་ལས་འཛིན་ཚུ་གིས་ ཤོེག་གུ་དང་འབྲེལ་བའི་ དུས་རྒྱུན་ཕྱག་འགན་མང་རབས་ཅིག་ མཛད་དོ་ཡོདཔ་ཨིན་པས། བསྒྲིག་ནིའི་འགྲན་བསྡུར་གྱི་དམིགས་ཡུལ་གཙོ་བོ་འདི་ མགྱོགས་དྲག་རིག་རྕལ་དང་འབད་བརྕོན་འབྲལ་བའི་ ཡིག་ཆ་འཛིན་སྐྱོང་གི་གློག་རིག་མཉེན་ཆས་བཟོ་སྟེ་ ཤོག་གོ་ལག་ལེན་འཐབ་མ་དགོཔ་འབད་བཟོ་ནི་ཨིན། 

འགྲན་བསྡུར་པ་ཁོང་རའི་ ཐོན་དངོས་དེ་ལས་བརྟེན་ འགྲན་བསྡུར་གྱི་དོན་ལས་སེལ་ཐབས་ག་ཅི་བཟུམ་ཡོདཔ་ཨིན་ནིའི་སྐོར་ལས་ འཆར་སྣང་བཀོད་དགོ། མཐར་ཐུག་ལུ་ སྡེ་ཚན་ཚུ་གིས ཚོང་འབྲེལ་རང་བཅོས་དང་ནང་དོན་ གཏན་མཛོད་འབད་ནིའི་ནུས་ཤུགས་ཅན་གྱི་བརྩི་མཐོང་ཉུང་མཐའ་ཅན་གྱི་ཐོན་དངོས་བཟོ་དོག།

སྡེ་ཚན་ཚུ་གིས་འཕྲིལ་རིག་གསར་བཏོད་ཚུ་ འཚོལ་ཏེ་ལག་ལེན་འཐབ་དགོ། དཔེར་ན་ གློག་གི་མཐོང་རིག་ཡིག་གུ་ངོས་འཛིན་གྱི་འཕྲིལ་རིག་ གློག་རིག་རང་བཅོས་ཀྱི་རིག་པ་ འཕྲིལ་ཆས་ཀྱི་སློབ་སྦྱོང་དང་ གློག་རིག་ལས་རིམ་ཚུ་ཨིན། མཐར་ཐུག་ལུ་ ཐོན་དངོས་ཀྱི་ནུས་ཤུགས་འགྲམས་སྟོན་འབད་ནི་འདི་ སྡེ་ཚན་ཁོང་རང་གིས་ སྡང་འདོད་བསྟར་ཨིན། 

དཔྱད་ཁྲའི་ཚད་གཞི།

དཔྱད་ཁྲའི་ཚད་གཞི།

ཐོན་དངོས་ཀྱི་རུང་བ་དང་འཇལ་ཚད།

འཕྲིལ་རིག་གསར་བཏོད་ཀྱི་ལག་ལེན།

ཀུན་གྱི་འགྲན་བསྡུར།: འབྲུག་རྒྱལ་ཁབ་སྡེའི་གློག་འཕྲིལ་གྱི་ལམ་ལུ་ མགྱོགས་ཚད་སེང་ནིའི་དོན་ལུ་ འཕྲིལ་རིག་གསར་པའི་ཐོན་དངོས་དང་ཞབས་ཏོག་ཚུ་བཟོ་ནི།

བརྗོད་བྱ་གརྩོ་བོ་ཅན། འབྲུག་རྒྱལ་ཁབ་སྡེའི་གློག་འཕྲིལ་གྱི་ལམ་ལུ་ མགྱོགས་ཚད་སེང་ནིའི་དོན་ལུ་ འཕྲིལ་རིག་གསར་པའི་ཐོན་དངོས་དང་ཞབས་ཏོག་ཚུ་བཟོ་ནི།

ཀུན་གྱི་འགྲན་བསྡུར་ལས་རིམ་ལས་བརྟེན་ འགྲན་བསྡུར་པའི་སྡེ་ཚན་གྱི་འབྲུག་མི་སར་རྒྱུ་ནོར་གཞི་བཟུང་ཚད་དང་གཅིག་ཁར་ལཱ་འབད་དེ་ རྒྱལ་ཁབ་ཀྱི་ཨུ་ཚུགས་ཅན་གྱི་དཀའ་ངལ་ཚུ་གདོང་ལེན་དང་སེལ་ཐབས་ཀྱི་གོ་སྐབས་ཡོད། འཕྲིལ་རིག་གསར་བཏོད་ཀྱི་འགྲན་བསྡུར་འདི་ལས་བརྟེན་ རྒྱལ་ཁབ་མི་སེར་དང་མི་སྡེ་ནང་ཕན་ཐབས་ལུ་དམིགས་ཏེ་ བརྩི་མཐོང་ཉུང་ཤོགས་ཀྱི་འཕྲིལ་རིག་ཐོན་དངོས་བཟོ་ནི་ཨིན། འགྲན་བསྡུར་པ་སྡེ་ཚན་ཚུ་གིས་ དེང་སང་ བཟོ་གྲྭའི་གཞི་སྒྱུར་བཞི་པ་དང་བསྟུན་པའི་འཕྲིལ་རིག་འཚོལ་ཞིབ་དང་ ཐོན་དངོས་དང་ཞབས་ཏོག་ཡར་དྲག་ལུ་སེལ་ཐབས་ དེ་ལས་མཐར་ཐུག་ལུ་ ཡུན་བརྟན་ལོངས་སྤྱོད་དང་བཟོད་བསྲན་ལྡན་པའི་རྒྱལ་ཁབ་ཅིག་ལུ་ བསྒྱུར་ནིའི་དམིགས་ཡུལ་ཡོདཔ་ཨིན།

ལག་ལེན་ཐོན་དངོས་གྱི་བརྗོད་བྱ:

  • གློག་རིག་རང་བཅོས་ཆུའི་འཛིན་སྐྱོང་།
  • སྤྱིར་བཏང་ཙ་བའི་སོ་ནམ་དང་འབྲེལ་བའི་གསར་བཏོད་ལས་རིམ།
  • གློག་རིག་རང་བཅོས་ནུས་རྫས་འཛིན་སྐྱོང་།
  • གློག་རིག་རང་བཅོས་འགྲོ་འགྲུལ་འཛིན་སྐྱོང་།

དཔྱད་ཁྲའི་ཚད་གཞི།

  • འཕྲིལ་རིག་གསར་བཏོད།
  • མི་སྡེའི་དཔལ་འབྱོར་དང་འབྲེལ་བའི་དཀའ་ངལ་སེལ་ནི།
  • འཇལ་ཚད།
  • ཐད་ཀར་དུ་ལཱ་གཡོག་གི་གོ་སྐབས།

ཀུན་གྱི་འགྲན་བསྡུར་ལས་རིམ་ནང་བཅའ་མར་གཏོགས་ནིའི་དོན་ལས་ ཐོན་དངོས་ ༢༩ དེམ་ཅིག་གིས་ཐོ་བཀོད་འབད་ནུག། དེ་ཚུའི་གྲལ་ལས་ སྡེ་ཚན་ ༦ གི་ཐོན་དངོས་དྲག་ཤོས་བཙགས་ཐོ་འབད་ཡི། སྡེ་ཚན་གཉིས་ཀྱིས་མ་དངུལ་གྲོགས་རམ་ལེན་ཏེ་མཐའ་ཟུར་ལས་བཅའ་མར་གཏོགས་ཅི། 

 

རྒྱལ་ཁ་ཐོབ་མི་སྡེ་ཚན།

ཀུན་གྱི་འགྲན་བསྡུར་འདི་གློག་རིག་རང་བཅོས་ལྡན་པའི་ཕྱགས་སྙིགས་ཧོད་བཟོ་མི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་དང་ ཕྱགས་སྙིགས་ཧོད་དེ་གིས་ ཕྱགས་སྙིགས་གངམ་ད་ གློག་རིག་རང་བཅོས་ཀྱི་ཐོག་ལས་ ཁྲོམ་སྡེ་ཕྱགས་སྙིགས་བསྒྱོམ་ནི་དང་འཛིན་སྐྱོང་འབད་མི་ལུ་ ས་གནས་ཀྱི་བརྡ་བྱང་དང་སྒྲགས་ སྙན་ཞུ་གཏངམ་ཨིན་པས། རྒྱལ་ཁ་ཐོབ་མི་སྡེ་ཚན་ལུ་ གསོལ་ར་ དངུལ་ཀྲམ་ ༡༠༠༠༠༠ ཐམ་པ་ གྲོགས་རམ་མ་དངུལ་འབད་གནང་ཡི།

བསྒྲིག་ནིའི་འགྲན་བསྡུར་འདི་ནང་ལུ་རྒྱལ་ཁ་ཐོབ་མི་སྡེ་ཚན་གཉིས་འཐོན་ཡོདཔ་ལས་ གསོལ་ར་དངུལ་ཀྲམ་ ༡༢༠༠༠༠ དེ་ སྡེ་ཚན་གཉིས་ཀྱི་བར་ནང་ བགོ་བཤའ་རྐྱབས་ཏེ་ གནང་ནུག།

རྒྱལ་ཁ་ཐོབ་མི་སྡེ་ཚན་གཉིས་ འཕྲུལ་རིག་གསར་བཏོད་ལས་འཛིན་གྱི་མཉམ་རུབ་སྡེ་ཚན་འབད་སྒྲུབ་ཐོག་ལས་ ཚོང་འབྲེལ་མ་འཐབ་པའི་སྔོན་མ་ ཐོན་དངོས་དང་འབྲེལ་བའི་གནས་སྐབས་ ལེགས་བཅོས་འབད་ནི་ཨིན།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱིས་རྒྱལ་ཁ་ཐོབ་མི་སྡེ་ཚན་ལུ་ ཐོན་དངོས་ཡར་དྲག་དང་ཚོང་འབྲེལ་འཐབ་ནི་ མ་དངུལ་གྱི་རྒྱབ་སྐྱོར་འཚོལ་ནི་ཚུ་ལུ་ སློབ་སྟོན་དང་རྒྱབ་སྐྱོར་འབྱིན་ནི་ལུ་ ཁས་ལེན་ཡོད།

གློག་རིག་རང་བཅོས་ལྡན་པའི་ཕྱགས་སྙིགས་ཧོད་ཀྱིས་སེལ་ཐབས།

མགྱོགས་དྲག་རིག་རྕལ་དང་འབད་བརྕོན་འབྲལ་བའི་ ཡིག་ཆ་འཛིན་སྐྱོང་གི་གློག་རིག་མཉེན་ཆས།

རྫོང་ཁ