Generic selectors
Exact matches only
Search in title
Search in content
Search in posts
Search in pages

Who we are

རྒྱལ་ཁབ་ཀྱི་མི་སྡེ་དཔལ་འབྱོར་ གོང་འཕེལ་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་ལུ་ ང་བཅས་ཀྱིས་ འཕྲུལ་རིག་གསར་བཏོད་ཀྱི་ཐབས་བྱུས་དང་སྲིད་བྱུས་གཞི་བཙུགས་འཆར་ལམ་ཚུ་ རྒྱབ་སྐྱོར་དང་སྣ་ཁྲིད་འབདཝ་ཨིན།

འཕྲུལ་རིག་གསར་བཏོད།

བརྩི་མཐོང༌ལྡན་པའི་འཕྲུལ་རིག་གསར་བཟོ།

བརྩི་མཐོང༌ལྡན་པའི་འཕྲུལ་རིག་གསར་བཟོ།

འཕྲུལ་རིག་གསར་བཏོད་ལས་ཁུངས་གཞི་བཙུགས་འབད་དགོ་པའི་དམིགས་ཡུལ་གཙོ་བོ་དེ་ དེང་སང་བཟོ་གྲྭའི་གཞི་སྒྱུར་བཞི་པ་དང་བསྟུན་པའི་ འཕྲུལ་རིག་དང་ གནས་སྐབས་གསར་བཏོད་ འཕྲུལ་རིག་ཐབས་བྱུས་ཀྱི་ལམ་ཚུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་དང་སྡེ་ཚན་ལས་འཛིན་ཚུ་ནང་ ཡར་འཕར་གཏང་ནི་དང་གོ་སྐབས་བཟོ་ནི་འདི་ཨིན། དེ་ནང་དོན་ཉིད་ལས་ བྱེད་བྲག་ འཕྲུལ་རིག་གསར་བཏོད་ལས་ཁུངས་ཀྱིས་འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་དང་སྡེ་ཚན་ལས་འཛིན་ཚུ་ལུ་ འཕྲུལ་རིག་འགྲིང་འགྲིང་བཟོ་ཐབས་ལུ་ནང་འཁོད་རྒྱབ་སྐྱོར་འཕུལ་ནི་དང་ སྤྱིར་རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་འཕྲུལ་རིག་གི་ཐོག་ལས་གོང་འཕེལ་གཏང་ནི་དང་ དེ་དང་འབྲེལ་བའི་གདོང་ལན་ཚུ་འབད་ནི་ཨིན།

འཕྲུལ་རིག་གསར་བཏོད་ལས་ཁུངས་འདི་ནང་ ལས་སྡེ་གཉིས་ཡོདཔ་ཨིན། དེ་ཡང་ འཕྲུལ་རིག་འཆར་བཀོད་དང་ཐབས་བྱུས་ལས་སྡེ་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ཁྱད་འཕགས་ཅན་གྱི་གསར་བཏོད་ཞིབ་འཚོལ་དང་ཉེན་བགྲོད་ལས་སྡེ་གཉིས་ཨིན།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ཁྱད་འཕགས་ཅན་གྱི་གསར་བཏོད་ཞིབ་འཚོལ་དང་ཉེན་བགྲོད་ལས་སྡེ།

འཕྲུལ་རིག་གསར་བཟོ་དང་གོང་འཕེལ།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ཁྱད་འཕགས་ཅན་གྱི་གསར་བཏོད་ཞིབ་འཚོལ་དང་ཉེན་བགྲོད་ལས་སྡེའི་ འཆར་སྣང་དང་དམིགས་སྐྱེད་ཚུའི་གྲལ་ལས་ རྒྱལ་ཡོངས་དང་རྒྱལ་སྤྱིའི་མཉམ་རུབ་ཀྱི་ཐོག་ལས་ ཚན་རིག་དང་འཕྲིལ་རིག་འབྲེལ་བའི་ སྦྱོར་འཇུག་དང་རྨང་གཞིའི་ཞིབ་འཚོལ་ འགོ་ཐོག་གཞི་བཙུགས་འབད་དེ་ དེང་སང་བཟོ་གྲྭའི་གཞི་སྒྱུར་བཞི་པ་དང་བསྟུན་ཏེ་ རྒྱལ་ཁབ་ནང་ལུ་ ཡོན་ཏན་དང་ཤེས་བྱ་གསར་བཏོད་ཀྱི་མཛོད་དང་ བཟོ་གྲྭ་དང་ཤེས་རིག་གི་མཉམ་འབྲེལ་ཐོག་ལས་ ཤེས་བྱ་དང་ལྡན་པའི་མི་སྡེ་བཟོ་ནི་ཨིན།

  • སྦྱོར་འཇུག་དང་རྨང་གཞིའི་ཞིབ་འཚོལ་འབད་ནི།
  • རྒྱལ་ཁབ་ནང་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་དཔལ་འབྱོར་ཐབས་ལམ་དང་ཐབས་ཤེས་རྣམ་པ་སྣ་ཚོགས་གཏོན་ཏེ་ཚོང་འབྲེལ་གྱི་གནས་སྐབས་ཚུ་ལག་ལེན་ཐབས་ནི།
  • རྒྱལ་ཁབ་ནང་ལུ་ ཡོན་ཏན་དང་ཤེས་བྱ་གསར་བཏོད་ཀྱི་མཛོད་བཟོ་ནི།
  • རྒྱལ་ཡོངས་དང་རྒྱལ་སྤྱིའི་མཉམ་རུབ་ཀྱི་ཐོག་ལས་ ཚན་རིག་དང་འཕྲིལ་རིག་འབྲེལ་བའི་ སྦྱོར་འཇུག་དང་རྨང་གཞིའི་ཞིབ་འཚོལ་ འགོ་ཐོག་གཞི་བཙུགས་འབད་དེ་ དེང་སང་བཟོ་གྲྭའི་གཞི་སྒྱུར་བཞི་པ་དང་བསྟུན་ཏེ་ རྒྱལ་ཁབ་ནང་ལུ་ ཡོན་ཏན་དང་ཤེས་བྱ་གསར་བཏོད་ཀྱི་མཛོད་དང་ བཟོ་གྲྭ་དང་ཤེས་རིག་གི་མཉམ་འབྲེལ་ཐོག་ལས་ ཤེས་བྱ་དང་ལྡན་པའི་མི་སྡེ་བཟོ་ནི་ཨིན།
  • མཚན་རིག་འཕྲུལ་རིག་བཟོ་རིག་དང་རྩིས་རིག་གི་ཤེས་ཡོན་དེ་ རྒྱལ་ཡོངས་དང་རྒྱལ་སྤྱིའི་གཙུག་ལག་དང་གཙུག་སྡེ་གཅིག་ཁར་ མཉམ་རུབ་ཀྱི་ཐོག་ལས་ ནང་ལེན་འབད་ནི་ལུ་སྐུལ་སྟོབས་འབྱིན་ནི་ཨིན།

འཕྲིལ་རིག་འཆར་བཀོད་དང་ཐབས་བྱུས་ལས་སྡེ།

ནུས་ཚད་བཟོ་ནི།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་དང་སྡེ་ཚན་ལས་འཛིན་དང་འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ཁྱད་འཕགས་ཅན་གྱི་གསར་བཏོད་ཞིབ་འཚོལ་དང་ཉེན་བགྲོད་ལས་སྡེ་ལུ་ འཕྲུལ་རིག་ཐབས་བྱུས་ཀྱི་ལམ་ཚུ་ ཡར་འཕར་གཏང་ནི་དང་གོ་སྐབས་བཟོ་ནི་འདི་ཨིན། དེ་ནང་དོན་ཉིད་ལས་ འཕྲུལ་རིག་གསར་བཏོད་ལས་ཁུངས་ཀྱིས་འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་དང་སྡེ་ཚན་ལས་འཛིན་ཚུ་ལུ་ འཕྲུལ་རིག་འགྲིང་འགྲིང་བཟོ་ཐབས་ལུ་ ནང་འཁོད་རྒྱབ་སྐྱོར་འཕུལ་ནི་དང་ སྤྱིར་རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་འཕྲུལ་རིག་གི་ཐོག་ལས་གོང་འཕེལ་གཏང་ནི་དང་ དེ་དང་འབྲེལ་བའི་གདོང་ལན་ཚུ་འབད་ནི་ཨིན། དེ་ཡང་

  • འཕྲིལ་རིག་འཆར་བཀོད་དང་ཐབས་བྱུས་འཛིན་སྐྱོང་ལས་བརྟེན་པའི་རྒྱལ་ཡོངས་འཕྲིལ་རིག་གཞི་སྟེགས༌ཀྱི༌དམིགས་དོན།
  • རྒྱལ༌ཁབ༌དང༌ལོང༌ཕྱོགས༌ནང༌ལུ༌ འཕྲིལ་རིག་གསརཔ་ཚུ་ གཡོག་བཀལ་དང་ལག་ལེན་ཐབས་ཡོད་མི་ཚུ་ ཞིབ་འཚོལ་འབད་ནི་དང་ཚོང་འབྲེལ་གྱི་གོ་སྐབས་བལྟ་ནི།
  • ཚན་རིག་ འཕྲུལ་རིག་དང་ གནས་སྐབས་གསར་བཏོད་ཀྱི་སྲིད་བྱུས་ཚུ་ཁྱད་འཕགས་ཅན་བཟོ་ནི་དང་ དེ་ཚུ་ལས་བརྟེན་ རྒྱལ་ཡོངས་གནས་སྐབས་གསར་བཏོད་ཀྱི་ལམ་ལུགས་གོང་འཕེལ་དང་རྒྱ་སྐྱེད་གཏང་ནི།
  • གནས་སྐབས་གསར་བཏོད་ལས་སུ་རུང་བཅུག་ནི་དང་ བསམ་གཞི་དང་ལག་ཆས་གསརཔ་འགོེ་བཙུགས་ནིའི་དོན་ལུ་ འཕྲུལ་རིག་གྲོས་ཚེགས་ གོ་བསྡུར་ཞལ་འཛོམས་དང་སྦྱོང་བརྡར་ཚུ་འགོ་འདྲིན་འཐབ་ནི།

 

ལས་འགུལ་ལས་སྡེ།

རྟེན་གཞི་བཟོ་ནི་དང་ཡར་དྲག་གཏང་ནི།

We are championing tech & innovation strategy and strategizing policy & implementation roadmaps to address socio-economic challenges at a national level.

རྫོང་ཁ